Beri Gyalse

← back to Listening

This page contains transcripts of Beri Gyalse’s Instagram reels (i.e. videos) to help people improve their Tibetan spelling, grammar, and listening skills. These videos are made for heritage speakers, i.e. people who grew up speaking Tibetan.

Note: If you are using Firefox on a computer, you may be able to navigate a reel more easily by pressing “play” and then pressing on the “Picture-in-Picture” icon to the right of the video:

This will open the video in a little pop-up window where you can pause the video or use the arrow keys to jump backwards or forwards by a few seconds.

If you are on a mobile device or if your browser doesn’t have this functionality, you may be able to download a picture-in-picture browser extension that will do the same thing.

List of videos:

  1. 2022-01-09
  2. 2022-01-19
  3. 2022-10-25

2022-01-09

https://www.instagram.com/reel/CYgZzQpgPbe/

transcribed by Tenzin Thoesam

བཀྲ་ཤིས་བདེ་ལེགས། དེ་རིང་ང་དང་འབྲེལ་བ་ཡོད་པའི་མིང་ཚིག་ཁག་ངོ་སྤྲོད་ཞུ་ཡི་ཡིན། དང་པོ་འདི་ལ་ཡ་ང་ཟེར་བྱས་ནས་ཕལ་ཚིག་རེད། ཨ་ནི་འདི་ཞུགས་གོ་དེ་ལ་ཡ།ཨ་ནི་ངེད་ཟེར་ནས་འདི་ཡང་ཕལ་ཚིག་གཅིག་རེད། ཨ་ནི་འདིའི་ཞུགས་གོ་འདི་ལ་ཡ།ཕ་ར་བཏགས་ཕྲ་ན་ཕྲན་བེད་སྤྱོད་བྱེད་ཀྱི་རེད། འདི་ཞུགས་གོ་འདི་ལ་ཡ། ཕྲན་ཆུང་ཟེར་བྱས་ནས་བེད་སྤྱོད་བྱེད་ཀྱི་རེད། ཡང་དེ་ལས་གཞན་པ་གཅིག་ལ་ཡ། ཁོ་བོ་ཟེར་ནས་བེད་སྤྱོད་བྱེད་ཀྱི་རེད། ཨ་ནི་ཡང་ཅིག་གུས་ཞབས་དང་ལྡན་པའི་ཐོག་ནས་བེད་སྤྱོད་བྱེད་དགོས་ཀྱི་ཡོད་ན། བདག་ཟེར་ཡ་འདི་བེད་སྤྱོད་བྱེད་ཀྱི་རེད། དོན་ངོ་མ་ཐོག་ལ་བཤད་པ་ཡིན་ན་བདག་ཟེར་ཡ་འདི་གཙང་པའི་སྐད་ཆ་རེད་དེ། འདི་ཡི་ཚིག་དེ་ཧ་ལམ་ཆོས་ཚིག་ནང་ལ་བསླེབས་བྱས་ནས། གུས་ཞབས་དང་ལྡན་པའི་ཚིག་གཅིག་ལ་བེད་སྤྱོད་བྱེད་ཀྱི་ཡོད་རེད། དེ་ལས་ཀྱང་ཨ་ནི་ཚད་གཞི་མཐོ་བ་གཅིག་ལ་ཡ།རང་ཉིད་བླ་མ་ཆེན་པོ་དང་རྒྱལ་པོ་ཆེན་པོ་དེ་འདྲས་ཡིན་པ་ཡིན་ན། ཨ་ནི་རང་ཉིད་ལ་ཡ་ངོས་ངོས་ཟེར་ནས་བེད་སྤྱོད་བྱེད་ཀྱི་རེད། དེ་འདྲས་ཡིན་པ་ཡིན་ཙང་། ང། ངད། ཕྲན། ཕྲན་ཆུང། ཁོ་བོ། བདག ངོས། འདི་གས་འདི་དོན་དག་གཅིག་པ་གཅིག་རྐྱང་ཆགས་ཀྱི་ཡོད་རེད།

2022-01-19

https://www.instagram.com/reel/CY6Euj_FAE-/

transcribed by Tenzin Thoesam

བཀྲ་ཤིས་བདེ་ལེགས། ང་རང་ཚོའི་བོད་སྐད་ཀྱི་ནང་ལོགས་ལ་ཡ། པུ་གུ་འམ་ཕྲུ་གུ་ཞེས་པ་དེ་ལ་ཡ། ལུང་པ་སོ་སའི་ནང་ལོགས་ལ་ཡ་ལབ་སྲོལ་མི་འདྲ་བ་མང་པོ་ཡོད་རེད། དཔེ་འདྲ་པོ་ཆ་བཞག་པ་ཡིན་ན། ལྷ་ས་བ་འདི་གས་འདི་ཡིས་པུ་གུ་ལ་ཡ་ཨ་བ་ཟེར་ལབ་ཀྱི་འདུག་ག ད་ག་ནང་བཞིན་གྱི་གཙང་པ་བ་འདི་གས་འདི་ཡིས་ཡིན་ན། འདི་གས་པུ་གུ་ལ་ཡ་ཨོ་ལོ་ཟེར་བྱས་ནས་ལབ་ཀྱི་འདུག་ག ད་ག་ནང་ཞིན་གྱི་འབྲོག་ཁུལ་དང་། ཨ་ནི་ཨ་མདོ་ཁུལ་ལ་ཡོད་པ་འདི་གས་འདི་ཡིན་ན། པུ་གུ་ཡ་ལ་ཞི་ལུ་ཟེར་བྱས་ནས་ལབ་ཀྱི་འདུག་ག ད་ག་ནང་བཞིན་གྱི་ཏྲེའུ་ཁམས་པ་དེ་ཚོ་ཡིན་ན། ཨ་ནི་པུ་གུ་ལ་ཡ་ག་འ་ཟེར་བྱས་ནས་ལབ་ཀྱི་རེད། ད་ག་ནང་བཞིན་གྱི་ཨ་མོན་ཁུལ་ལ་ཡིན་པ་ཡིན་ན། པུ་གུ་དེ་ཚོ་འདྲས་ལ་ཡ་ཨུ་ནུ་ཟེར་བྱས་ནས་ལབ་ཀྱི་འདུག་ག ད་ག་ནང་བཞིན་གྱི་འབའ་བའི་ཁུལ་ལ་ཡིན་པ་ཡིན་ན། པུ་གུ་དེ་ཚོ་འདྲས་ལ་ཨ་ཨ་ཀ་ཟེར་བྱས་ནས་ལབ་ཀྱི་འདུག་ག ད་ག་ནང་བཞིན་གྱི་ནང་ཆེ་ནང་ཆེན་དེ་བ་ཁུལ་དེ་བ་ཡིན་ན། པུ་གུ་དེ་ཚོ་འདྲས་ལ་ཡ་ཨ་ཉོ་ཟེར་བྱས་ནས་ལབ་ཀྱི་འདུག་ག ཕལ་ཆེར་ངས་འདི་ནང་ལ་མ་ཚུད་པ་མང་པོ་ཞེ་པོ་ཅིག་ལུས་ཡོད་རེད་བསམ་གྱིས། དེ་འདྲས་ཡིན་ཙང་། ཁྱེད་རང་གིས་ཕ་ཡུལ་ལ་ཡ་པུ་གུ་ལ་ག་རེ་ལབ་ཀྱི་ཡོད་མེད་དེ་གཤམ་ལ་ཡ་མཆན་ནང་ལོགས་ལ་ཡ་ངེས་པར་དུ་འབྲི་གནང་རོགས་གནང་། ཐུགས་རྗེ་ཆེ།

2022-10-25

https://www.instagram.com/reel/CkH1r9yIEwJ/

transcribed by Tenzin Thoesam

ཨ། བཀྲ་ཤིས་བདེ་ལེགས། ད་ལྟ་ང་ཚོས་ཡང་སྤྱི་ཚོགས་ཀྱི་ནང་ལོགས་ལ། ད་ཤིང་ཏོག་དེ་འདྲས་ཡོད་པ། འདི་ཁྱེད་རང་གིས་ག་རེ་ལབ་ཀྱི་ཡོད་ན། ཤིང་ཏོག་འདི་ཡག་པོ་ཅིག ཨ། ཟ་ཆོག་ཆོག་འདྲ་པོ་ཆགས་བསྡད་ཡོད་ན། ག་རེ་ལབ་ཀྱི་རེད་ཟེར་ན། ཁ་ཤས་ཀྱིས་འོ་འདི་ཤིང་ཏོག་འདི་དཔེ་ཡག་པོ་འཚོད་ཤག་ཟེར། ཨི་འདྲས་ལབ་ཀྱིས། འདི་བྱས་པ་ཡིན་ན་རྦད་དེ་ཏན་ཏན་མ་འགྲིག་པ་རེད་བསམ་གྱིས། ཚིག་ངོ་མ་འདི་ག་རེ་བེད་སྤྱོད་བྱེད་དགོས་རེད་ཟེར་ན། ཤིང་ཏོག་དང་སྐྱེ་དངོས་ཀྱི་རིགས་འདི་གས་འདི་ཡིན་ན།ཨ་ནི་ཤིང་ཏོག་འདི་ཡག་པོ་སྨིན་ཤག་ཟེར། ལབ་ཡ་དེ་དཔེ་གལ་ཆེན་པོ་རེད།དཔེར་ན་དཔེ་ཆ་དང་འདི་ཚོ་ཡི་ནང་ལོགས་ལ། ཨ་ནི་རྦད་དེ་མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། སྨིམ་པ་དང་འདྲ་ཟེར་བྱས། སྨིན་མ་སྨིན་གྱི་སྐད་ཆ་འདི་བཤད་ཡོད་རེད་མ་གཏོགས་འཚོད་མ་འཚོད་སྐད་ཆ་བཤད་ཡོད་མ་རེད། འཚོད་མ་འཚོད་ཟེར་སྡད་ཡ་འདི་མེ་དང་ད་ཐབ་ལ་ཡ་སྤྱད་ནས། དཔེར་ན་བག་ལེབ་བཟོ་འདྲ་པོ་འདི་ཡག་པོ་འཚོད་ཤག འཚོད་མིན་འདུག ཤ་འདི་འཚོད་འདུག འཚོད་མིན་འདུག་ཟེར་གྱི་རེད། ཤིང་ཏོག་དེ་འདྲས་ཡིན་ན་སྨིན་འདུག སྨིན་མིན་འདུག བག་ལེབ་དེ་འདྲས་ཡིན་ན་འཚོད་འདུག འཚོད་མི་དུག འདི་བེད་སྤྱོད་བྱེད་ཡ་འདི་གལ་ཆེན་པོ་རེད་ད། ལགས་སོ།།