Transcribed talks by HHDL

His Holiness the Dalai Lama gave a series of lesson to introduce Tibetan youths to Buddhism.

Esukhia produced captioned videos of these lessons and published them on their “Esukhia Dralam” YouTube channel. I have reproduced their transcriptions here to edit them and comment on them. Words in bold are words that I have added or edited to more closely match what His Holiness is saying.

Original (19 lessons)

Partial mirror (11 videos)

Lesson 1

གང་གི་ཐུགས་བརྩེས་ཉེར་བཟུང་ནས། །

ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །

དམ་པའི་ཆོས་ནི་སྟོན་མཛད་པའི། །

གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །

ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །

སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །

གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །

བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །

ད། དེ་རིང་འདིར། འོ་ཡ། ག་རེ། སྒྲ་ཤུགས་ཆེན་པོ་དེ་ག་རེ་རེད། ཧ་ཧ་ཧ་་་་། ཨ་ལས། ཕ་གི་དེས་བྱེད་ཀྱི་ཡོད་རེད།

དེ་བཀག་ཤོག་དང་། ད་ལྟ་སྐྱོན་མི་འདུག་རྩ་བ་ནས་སྐྱོན་མི་འདུག ཕལ་ཆེར་དེ་རེད་བཞག ད། དེ་རིང་འདིར།

ཁྱེད་རང་ཚོ་འབྲེལ་ཡོད་ཁག་ནས་དོན་གཉེར་ཆེན་པོས་གྲ་སྒྲིག་བྱས་བྱས། ད། སློབ་ཕྲུག་གཞོན་སྐྱེས་ཕོན་ཆེན་པོ་ཞིག་དེ་རིང་འདིར་འདུས་བྱས།

ཨ་ནས། ཉི་མ་གསུམ་གྱི་རིང་ལ་ཡ། ད། གཙོ་བོ་ནང་ཆོས་སྐོར་ལ་ཡ། ད། བགྲོ་གླེང་བྱེད་ཡ་བྱས། ཡིན་པ་རེད།

ཁྱེད་རང་ཚོས་འདི་འདྲ་ཞིག་གི་ད། གྲ་སྒྲིག་བྱས་པ་དེ་ཞེ་དྲགས་ཡག་པོ་བྱུང་བཞག ཨ་ནས། ཁྱེད་རང་ཚོ་འབྲེལ་ཡོད་ཚང་མ་ལོགས་ལ་ཡ།

ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། ད། ནང་ཆོས་ཟེར་མཁན་དེ་མིའི་རྣམ་དཔྱོད་ཀྱི་ནུས་པ་འདྲ་པོ་ཡོད་བསྡད་པ་དེ་ཆ་ཚང་བ་ཅིག

ཚད་མཐོ་པོའི་ཐོག་ནས་བེད་སྤཏཡོད་བྱས་རྗེས། དེའི་ཐོག་ནས་གཏན་གྱི་བདེ་བ་བསྒྲུབ་ཡ་ཞིག་གི་འགྲོ་སྟངས་ཅིག་ཡིན་པ་རེད།

ད། དེ་འདྲ་ཡིན་དུས་ཧ་ལམ། ད། ནང་ཆོས་ཟེར་བསྡད་ཡ་དེ་ཤེས་ཡོན་གྱི་གྲས་ལ་བརྩིས་བཞག་པ་ཞིག་རེད།

ད། དེ་འདྲ་ཡིན་པ་ཡིན་དུས་མིའི་རིགས་ཅིག་ལ་རྣམ་དཔྱོད་ཀྱི་ནུས་པ་དམིགས་བསལ་ཞིག་ཡོད་པ་ཡིན་དུས་ཙ་ནས།

ད། མིའི་རྣམ་དཔྱོད་ཀྱི་ནུས་པ་ཆ་ཚང་བ་ཅིག་རང་ཉིད་ཀྱི་དང་། སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་ཡས་ཀྱི་ཐོག་ལ་ཡ་བསྒྱུར་ཐུབ་ཡ་ཞིག་གི

ད། ཐབས་ཤེས་གཅིག་དེ། ད་འོ། སངས་རྒྱས་ཀྱི་ཆོས་དེ་ཆགས་བསྡད་ཀྱི་ཡོད་རེད། འགྲོ་སྟངས་དེ་འདྲ་ཞིག་ཡིན་པ་རེད།

ང་རང་ཚོའི་མི་ཚེའི་གནས་ཚུལ་དང་མ་འབྲེལ་བ་ཞིག་གི་ཅིག་ཕར་ཙམ་དེར། ཅིག་དག་ཞིང་ཟེར་ཡ་འདྲ་པོ་ཅིག

དཀོན་མཆོག་ཟེར་ཡ་འདྲ་པོ་ཅིག ཅིག་བཤད་བྱས། དེ་ལ་ཕར་ཅིག ད། སྐྱབས་སུ་མཆི་ནས་དད་པ་བྱེད་ཡ་གཅིག་པུ་ཞིག་རྩ་བ་ནས་མ་རེད།

ད། སངས་རྒྱས་ཀྱི་ཆོས་ཟེར་མཁན་དེ་མིའི་རྣམ་དཔྱོད་ཀྱི། ཅིག ཡོད་བསྡད་པ་དེ་ཚུལ་དང་མཐུན་པ་ཅིག་དང་།

དོན་དང་ལྡན་པ་ཅིག་དང་། ཕན་པའི་རང་བཞིན་ཅན་ཅིག ད། ཡོང་ཡ་ཅིག དེ་ཡང་སྨོན་ལམ་བརྒྱབ་ནས་བཟོས་བཞག་པ་དང་།

སྒྲིག་བཛུགས་འདྲ་པོ་ཅིག་གིས་ཕར། ག་རེ་ཟེར་དགོས་རེད། འདི་ཆོག་གི་རེད། འདི་ཆོག་གི་མ་རེད། ཟེར་་ཀྱི་བཀའ་བཏང་ནས་

བཟོས་བཞག་པ་ཅིག་མ་རེད། ང་རང་ཚོའི་རྣམ་དཔྱོད་ཀྱིས། དེ་བེད་སྤྱོད་བྱས་ནས་གཏིང་རིང་པོ་ཅིག་གི་ཐོག་ལ་བསམ་བློ་བཏང་ནས།

གཞི་རྩའི་མིའི། ཨ་ནས། བསམ་པའི་འཁྱེར་སོ་སྒྱུར་བཅོས་གཏོང་ཡ་ཅིག དེ་འདྲ་ཞིག་རེད་འདུག་བ། ། དེ་འདྲ་ཡིན་དུས་ཙ་ནས།

སངས་རྒྱས་ཀྱི་ཆོས་ཟེར་བསྡད་མཁན་དེ། ཨ་ནས། སློབ་སྦྱོནད་བྱས་ནས་བསམ་བློ་ཞེ་དྲགས་བཏང་ནས་ཆོས་དེ།

ད། བེད་སྤྱོད་བྱེད་ཡ་ཟེར་ན་མི་འདུག ཉམས་ལེན་བྱེད་ཡ་ཟེར་ན་མི་འདུག དེ་འདྲ་ཞིག་ཡིན་པ་རེད། ད། དེ་འདྲ་ཡིན་ཙང་།

སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱེད་ཟེར་ཡ་དེ་ཧ་ཅང་གལ་ཆེན་པོ་རེད་བཞག ཆོས་ལ་དད་པ་ཡོད་པ་ཙམ་གྱི་འགྲིག་གི་ཡོད་མ་རེད།

[4:28]

གོམས་གཤིས། ཅིག་སྲོལ་རྒྱུན་ལྟ་བུ་བྱས་པས་འགྲིག་གི་ཡོད་མ་རེད། སློབ་སྦྱོང་བྱེད་ཡ་དེ་དཔེ་གལ་ཆེན་པོ་རེད།

། དེ་འདྲ་ཡིན་ཙང་། དེ་རིང་འདིར། ཁྱེད1རང་ཚོར་གོ་སྐབས་ཅིག་ཡོད་བསྡད་པ་དེ་ཡག་པོ་བྱུང་བཞག ཨ་ནས།

ཁྱེད་རང་ཚོས་གྲ་སྒྲིག་བྱས་པ་རེད། ཨ་ནས། སྔ་དྲོ་ངས་མར་གཅིག་འགྲེལ་བཤད་འདྲ་པོ་ཏོག་ཙམ་བྱས། ཨ་ནས། དེའི་གཞུག་གུ་དེར་

ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འདྲ་པོ་དེ་འདྲ་ཞིག ཕྱེད་ཀ་ཡན་མན་འདྲ་པོ་ཞིག་ང་ཚོ་དྲི་བ་དྲིས་ལན་བྱེད་རྒྱུ་བྱས།2 ཨ་ནས།

ཕྱི་དྲོ་ཁྱེད་རང་ཚོ་སྡེ་ཚན་སྡེ་ཚན་འདྲ་པོ་ཞིག་ཕྱེ་བྱས། ཨ་ནས། བགྲོ་གླེང་བྱེད་ཡ་བྱས་གྲ་སྒྲིག་བྱས་པ་དེ་ཞེ་དྲགས་ཡག་པོ་བྱུང་བཞག

ད། སྔན་ལ་སྐད་ཆ་དེ་གང་འདྲ་ཟེར་འགོ་བཙུགས་དགོས་རེད། སྤྱིར་དུས་ཟེར་ཡ་དེ་ཁོར་རྟག་པ་བརྟན་པ་ཡོད་མ་རེད།

སྐད་ཅིག་སྐད་ཅིག་གིས་དུས་ཚོད་དེ་འགྲོ་བསྡད་ཀྱི་ཡོད་རེད། རེད་བ། དུས་དས་སྐད་ཅིག་སྐད་ཅིག་གིས་དོ་སི་ད་འགྲོ་བསྡད་ཡ་དེའི་ནང་ལ་

ཐ་ན་ Galaxy ༼སྐར་ཚོགས༽ ཞེས་བཤད་བསྡད་་ཀྱི། ད། ཅིག འཛམ་གླིང་རྦད་དེ་བྱེ་བ་ཕྲག་བརྒྱ་སྟོང་གསུམ་གྱི་སྟོང་ཆེན་པོ་

(5:37)

[…]

  1. The original transcription has ད། ང་ instead of ཁྱེད་ here. ↩︎
  2. This sentence uses extensive connective speech and I find it impossible to understand. ↩︎