School lessons > Math lessons > Grade 1 > Lesson 1
Grade 1 math lessons:
- Grade 1:
- Sambhota Schools: Math Class-I (12 lessons)
- Sherig: Class 01 Maths
Lesson 1: Shapes
Lesson 1 goes up to page 10 in the grade 1 math textbook.
Underlined words were figured out with the help of Monlam AI.
[0:30]
བཀྲ་ཤིས་བདེ་ལེགས། ལྷན་རྒྱས་ཚང་མ་ལོག ད་དེ་རིང་ནས་འཛིན་གྲྭ་དང་པོའི་སློབ་ཚན་སྦྱང་གི་ཡིན།
Greetings, everyone. Starting from today, we will study the lessons for grade one.
ཨ་ནི། འཛིན་གྲྭ་དང་པོའི་སློབ་ཚན་དང་པོ་འདི་དབྱིབས་གཟུགས་རེད་ཤག
The first lesson for grade one is shapes.
བྱས་ཙང་ང་ཚོ་ཚང་མ་ལོག་མཉམ་དུ་དོ་སྣང་བྱེད་དགོས་ཨ།
So, we should all pay attention together.
སློབ་ཚན་དང་པོ་དབྱིབས་གཟུགས། ད་དབྱིངས་གཟུགས་སྦྱང་བའི་སྐབས་ལ་ག་རེ་ག་རེ་ཤེས་ཀྱི་རེད། ང་ཚོ་ག་པར་་་འ་་་དོ་སྣང་ག་རེ་ག་རེ་སྤྲད་དགོས་རེད་ཟེར་ཞུས་པ་ཡིན་ན།
The first lesson, shapes. What should you learn from studying shapes? What attention should you pay to it?
དངོས་པོ་འདྲ་མིན་དབྱེ་བ་འབྱེད་སྟངས་ཤེས་ཀྱི་རེད་ང་ཚོས། འདིའི་ནང་ནས་དངོས་པོ་སྒྲིལ་1ནས་འགྲོ་མཁན་དང་དངོས་པོ་བཤུད་ནས་འགྲོ་མཁན་་་སྦྱང་གི་རེད།
We will learn how to classify different things. In particular, we will learn objects that roll and objects that slide.
དེ་ནས་དབྱིབས་ཁ་ཤས་ཀྱི་མིང་ཤེས་ཀྱི་རེད་ང་ཚོས།
Then, we will learn the names of some shapes.
[1:05]
སློབ་ཚན་དང་པོ་དབྱིབས་གཟུགས། འདིའི་ཤོག་ངོས་དང་པོ་དེ་ལ་ཡ་བྱེད་སྒོ་ཞིག་གནང་བཞག བྱེད་སྒོ་དེ་ང་ཚོ་ཀློག་གི་ཡིན་ད།
Lesson one, shapes. There’s an activity on the first page. Let’s read the activity.
སློབ་མ་རྣམས་ལ་འཛིན་གྲའི་ནང་དངོས་པོ་འདྲ་མིན་རེ་འཁྱེར་ཡོང་དུ་འཇུག་དགོས།
The students should each be made to gather a different object inside the classroom.
ཀ་པ། རྒན་ལགས་ཀྱིས་དངོས་པོ་དབྱིབས་མཐུན་པ་རྣམས་སྡེ་ཚན་ལ་དབྱེ་བ་འབྱེད་དུ་འཇུག་དགོས།
1) The teacher should make them split them into groups of the same shape.
ཁ་པ། སྡེ་ཚན་ནང་ཡོད་པའི་དངོས་པོ་རྣམས་སྒྲིལ་ནས་འགྲོ་མཁན་དང། བཤུད་ནས་འགྲོ་མཁན་གཉིས་བྱེད་སྒོའི་ལམ་ནས་དབྱེ་དགོས།
2) The classroom objects should be divided into rolling objects and sliding objects for the activity.
ག་པ། དེ་ནས་དགེ་རྒན་གྱིས་སློབ་མ་དང་མཉམ་དུ་དངོས་པོ་སྒྲིལ་ནས་འགྲོ་མཁན་དང་བཤུད་ནས་འགྲོ་མཁན་ཐོག་ལ་གྲོས་སྡུར་གནང་དགོས།
3) Then the teacher should consult with the students about objects that roll and those that slide.
ད་ང་ཚོ་དེ་ལ་ཡ་གཅིག་གཟིགས་ཨ།
Now let’s take a look at that.
(1:42)
ཅོག་ཙེའི་སྒང་ལ་ཡ་དངོས་པོ་མང་པོ་གཅིག་སྤུངས་ནས་བཞག་འདུག་ག ད་འདི་གྱད་ལ་ཡ་དོ་སྣང་གཅིག་གནང་དང་། ང་ཚོ་འདི་གྱད་་་དངོས་པོ་འདི་གྱད་སྒྲིལ་ནས་འགྲོ་མཁན་རེད་འདུག བཤུད་བྱས་འགྲོ་མཁན་རེད་འདུག གཅིག་ལྟ་གི་ཡིན་ད། དངོས་པོ་རེ་རེ་ལ་ཡ་བྱེད་སྒོ་བྱེད་བྱས།(?)
ar ངའི་ལག་པའི་ནང་ལ་ཡ་ཞ་སྨྱུག་ཞིག་འདུག་ག ཞ་སྨྱུག་འདི་ག་འདྲས་སེ་འགྲོ་གི་འདུག་གཟིགས་ཨ། ཡང་བསྐྱར་གཅིག་གཟིགས་རོགས་གནང་། འདི་ག་འགྲས་སེ་ཕྱིན་སོང་།
tinde ངའི་ལག་པ་ལ་ཡ་སྐུད་པ་འདུག་ག སྐུད་པ་དེ་ག་འདྲས་སེ་འགྲོ་གི་འདུག ཨོ། སྒྲིལ་ནས་ཕྱིན་སོང་ང་།
(2:14)
ད་དེ་ལ་gamtsuགཅིག་འདུག gamtsuདེ་ག་འདྲས་སེ་འགྲོ་གི་འདུག དངོས་པོ་འདི་་་gamtsuའདི་སྒྲིལ་ནས་འགྲོ་གི་མི་འདུག་ག འདི་བཤུད་བྱས་འགྲོ་མཁན་རེད་འདུག་ག བྱས་ཙང་ང་ཚོས་ko…logha དབྱེ་བ་གཅིག་འབྱེད།
ད་ངའི་ལག་པ་ལ་མཚོན་སྨྱུག་ཅིག མཚོན་སྨྱུག་དེ་གཟིགས་ཨ། མཚོན་སྨྱུག་ག་འགྲས་འགྲོ་གི་འདུག མཚོན་སྨྱུག་འདི་ཡང་ཞ་སྨྱུག་ནང་བཞིན་སྒྲིལ་ནས་ཕྱིན་སོང་ང་། སྡེ་ཚན་འདིར་བཞག
འདི་འགྱིག་སུབ་རེད་འདུག འགྱིག་སུབ་འདི་ག་འགྲས་འགྲོ་གི་འདུག་གཟིགས་ཨ། འགྱིག་སུབ་འདི་བཤུད་བྱས་འགྲོ་མཁན་རེད་འདུག་ག འདི་སྡེ་ཚན་འདིར་རེད་བཞག
ད་བྱས་ན་ང་ལ་ཡ་གྲུ་བཞི་ཁ་སྒང་(?)གཅིག་འདུག་ག གྲུ་བཞི་ཁ་སྒང་(?)འདི་ག་འདྲས་སེ་འགྲོ་གི་འདུག འདི་སྒྲིལ་ནས་འགྲོ་གི་མི་འདུག བཤུད་བྱས་འགྲོ་མཁན་རེད་བཞག
ད་འདི་ས་སྨྱུག་འདི་གཟིགས་དང་། ས་སྨྱུག་འདི་ག་འདྲས་སེ་འགྲོ་གི་འདུག ས་སྨྱུག་འདི་སྒྲིལ་བྱས་འགྲོ་གི་འདུག་ག འདིར་བཞག
(3:05)
ད་ང་ལ་ཡ་དངོས་པོ་འདི་གཅིག་འདུག་ག འདི་ལ་ཡ་ང་ཚོས་ཀ་སྒྲིལ་ཟེར་ཀྱི་ཡོད་བཀ།(?) ཀ་སྒྲིལ་གྱི་གཟུགས་ཟེར་གྱི་ཡོད་བ། ད་derksder་ག་འགྲས་སེ་་་ སྒྲིལ་བྱས་འགྲོ་གི་འདུག་ག བྱས་ཙང་འདི་འདིར་བཞག
ད་དེ་ལ་ཡ་གྲུ་བཞི་ལྷམ་པོ་གཅིག་འདུག་ག ཤོ་གཟུགས་འདྲ་པོ་གཅིག་འདུག་ག ཤོ་གཟུགས་འདྲ་པོ་འདི་ག་འདྲས་སེ་འགྲོ་གི་འདུག ཁོ་་་སྒྲིལ་བྱས་འགྲོ་གི་མི་འདུག ཨོ་་་བཤུད་བྱས་མཁན་རེད་འདུག་ག འདི་འདིར་བཞག
ད་བྱས་ན། མཐའ་མ་དེ་ལ་ཡ་དངོས་པོ་འདི་འདྲས་སེ་བྱེད།(?) འདི་ང་ཚོས་ག་འདྲས་འགྲོ་གི་འདུག་ལྟ་གི་ཡིན་ད། དོ་་་སྒྲིལ་བྱས་འགྲོ་མཁན་རེད་འདུག་ག
བྱས་ཙང་། དངོས་པོ་འདི་གྱད་་་སྒྲིལ་ནས་འགྲོ་མཁན་རེད་བཞག དངོས་པོ་འདི་གྱད་་་བཞུད་ནས་འགྲོ་མཁན་རེད་བཞག
(3:55)
ད་སྦྱོང་ཚན་གཅིག་tsas གཅིག་ལ་ཡ་གཟིགས་རོགས་གནང་ཨ།
དེ་ལ་དྲི་བ་ཁག་བརྙེས་འདུག
སྒྲིལ་ནས་འཁྱེར་ཐུབ་མཁན་དང་བཤུད་ནས་འཁྱེར་ཐུབ་མཁན།
དྲི་བ་དང་པོ་དེར། སྒྲིལ་ནས་འཁྱེར་ཐུབ་མཁན་གྱི་དངོས་པོ་ལ་འགྲིག་རྟགས་རྒྱོབས། དེ་ལ་ཡ་པར་ཁ་ཤས་ཤིག་གནང་འདུག་ག པར་འདི་ལ་ཡ་སྒྲིལ་ནས་འགྲོ་མཁན་ག་རེ་ག་རེ་རེད་འདུག དེ་ལྟ་རྒྱབ་ཨ།
དྲི་བ་གཉིས་པ་འདི། བཤུད་ནས་འཁྱེར་ཐུབ་མཁན་གྱི་དངོས་པོ་ལ་འགྲིག་རྟགས་རྒྱོབས། ཡང་དེ་པར་་་་གང་་་མ་འདྲ་shipdreབཞག ཨ་ནི་དེ་ལ་ཁྱེད་རང་གིས་བཤུད་ནས་འཁྱེར་ཐུབ་མཁན་དེ་ལ་ཡ་driktsaའཁྱེར་ཡ་རེད།(?)
(4:26)
ད་ང་ཚོས་སྒྲུང་སྙན་པོ་ཞིག་ཀློག་གི་ཡིན་ད། སྒྲིང་གི་མིང་ལ་ཡ། སྤྱང་གྲུང་ལྡན་པའི་སྨོ་བོ།
(From 4:34-6:05, she reads the story that’s written on screen.)
(From 6:05 to 7:52 she summarizes the story in her own words:)
____རིའི་སྒང་ལ་ཕྱིན་པ་རེད།
འདུག་སེ་འགྲོ་བསྡད་པའི་སྐབས་ལ་ཡ་ལམ་ཁར་ལ་ཡ་སྤྱང་ཀི་ཆེན་པོ་ཅིག་ཐུག་རེད།
སྤྱང་ཀིས་ལུག་གུ་ལ་ག་རེ་ལབ་འདུག ང་ཁྱེད་རང་བཟའ་གི་ཡིན། ཟེར་zich-zikzikgukire
ལུ་གུས་ཞེད་ཐག་ཆོད་ནས། སྐུ་མཁྱེན། ང་ད་ལྟ་སྨོ་སྨོ་ཐུག་གར་འགྲོ་གི་ཡིན། མ་ཞོར། ཁྱེད་རང་བཟའ་ན་འགྲིག་གི་མ་རེད་པས། ཟེར་སྐད་ཆ་འདྲི་དུས།
སྤྱང་ཀིས། འོ་་འགྲིག་གི་རེད། ང་བསྡད་ཁུག་ནས་བསྡད་(?)གི་ཡིན་དཱ། ཟེར་ལབ་པ་རེད།
ལུག་གུས་སྨོ་ལ་མཇལ་པ་དང་། ཨ་ནི། ལམ་ཁར་ལ་ཡ་སྤྱང་གི་ཐུག་པའི་ལོ་རྒྱུས་ཆ་ཚང་བཤད་པ་རེད།
ལོ་རྒྱུས་ཆ་ཚང་བཤད་ཚར་བའི་རྗེས། སྨོ་ལགས་ཀྱིས། ཁྱེད་རང་གལ་བྱེད་ཀྱི་མ་རེད། ངས་ཐབས་ཤེས་ཅིག་སྟོན་དགོས་ཨ། ཟེར་སྨོ་ལགས་གསུངས་པ་རེད།
སྨོ་ལགས་ཀྱིས་རྔ་ཆེན་ཅིག་འཁྱེར་ཡོང་། ཨ་ནི། རྔ་དེ་ནང་ལ་ཡ་ཁྱེད་རང་ཡིབ་ནས་བསྡད་ཨ། ཟེར་ལབ་པ་རེད།
ལུག་གུ་དེ་ནང་བཞིན་རྔ་ཆེན་ནང་ལ་ཡིབ་བྱས་བསྡད། བསྡད་པ་དང་སྨོ་ལགས་ག་རེ་བྱས་པ་རེད།
རྔ་ཆེན་འདི་laktosaབྱས་ནས་མར་ཐུར་ལ་མར་འབབ་རུ་བཏང་ཤག་ར(?)
ད་རྔ་འདི་འདུག་སེ་བསྒྲིལ་giniམར་ཐུར་ལ་ཡ་མར་རྒྱུད་(?)འགྲོ་དུས།
ལམ་ཁ་གི་ཟུར་དེ་ལ་ཡ་སྤྱང་ཀི་riguniབསྡད་ཡོད་རེད། སྤྱང་ཀི་འདུག་སེ་ལུག་གུ་མཐོང་པ་དང་ལུག་གུ་ཆུང་ཆུང་དེ་ལ་སྐད་ཆ་དྲིས་རེད།
ཁྱེད་རང་འདི་ནས་ཡང་ལུག་གུ་ཆུང་ཆུང་གཅིག་མཐོང་མ་སོང་ངས། ཟེར་སྐད་ཆ་དྲིས་པ་རེད།
“You haven’t seen a little sheep around here, have you?” he asked.
ལུག་གུས། ང་མཐོང་མ་སོང་། ཟེར་laghachere
དེ་ནས་རྔ་འདིར་(?)མུ་མཐུད་ནས་མར་ཐུར་ལ་ཡ་ཕྱིན་པ་རེད།
khoroooབྱས་ནས་སྤྱང་ཀི་དོགས་པ་གཅིག་ཟ་འདུག་ག
དོགས་པ་ཟ་བ་tang་སྤྱང་ཀིས་ག་རེ་chenདགོས་རེད།
དེ་བཞིན་ངབ་(?)ལུག་གུ་དེ་ཕལ་ཆེར་མིན་འགྲོ། བསམ་བསམ་ཅིག་དོགས་པ་ཟ་བ་དང་ལམ་སང་སྤྱང་ཀིས་thuloམ་kyokཤིག་ཨ། lajiyongra ད། ང་འདིའི་འོག་ལ།(?)
ཡིན་ནའི། ང་འདི་རྦད་དེ། ང་ནི་མར་ཐག་རིང་པོ་shuletsenནམ་(?)སང་ལུག་གུ་ཆུང་ཆུང་འདིས།
རྔ་ཆེན་ནས་མར་ཐོན་ནས་kyokshakལབ་ནས་སོ་སོ་ནང་ལ་ཡ། troechenཨ་ནི། ཡིབ་ཐབས་(?)པ་རེད།
[7:52]
ང་ཚོས་སྒྲུང་འདི་འགོ་བཙུགས་ཚར་བ་རེད། ད། སྒྲུང་འདི་འགོ་བཙུགས་ཚར་བའི་རྗེས་ལ་ཡ་ང་ཚོ་ག་རེ་བསམ་བློ་བཏང་དགོས་འདུག
ལུག་གུ་ཆུང་ཆུང་འདིས་ག་འདྲས་སེ་སྲོག་ཐར་སོང་། ཨ་ནི། རྔ་ལ་བརྟེན་ནས་སྲོག་ཐར་བ་བྱུང་སོང་ང་།
བྱས་ན། རྔ་ཡི་བཟོ་ལྟ་འདི་ག་འདྲས་རེད་འདུག ཨ་ནི། རྔ་ཡི་བཟོ་ལྟ་ལ། འདི་ལ། བཟོ་ལྟ་འདི་ལ་བརྟེན་ནས། ཨ་ནི། དངོས་པོ་འདི་tukngel དང་shudrachinyenkiདབྱེ་བ་འདི། དེ་ནས། jeཡོང་གི་རེད།
ཁྱེད་རང་གིས། རྔ་ཆེན་འདི་གི་བཟོ་ལྟ་ག་རེ་རེད་འདུག
ཨ་ནི། བཟོ་ལྟ་འདི་ལ་བརྟེན་ནས་drigyaབྱེད་ཐུབ་པ་བྱུང་སོང་ང་།
འདི་དོ་སྣང་བྱེད་དགོས་རེད།
You should be mindful of this.
[8:24]
ད་ང་ཚོས། སྦྱོང་ཚན་གཅིག་ཚར་གཉིས་ཀློག་གི་ཡིན་དཱ། ཨ་ནི། ཁྱེད་རང་ཚང་མ་ལོག། pangrim བྱས་ནས། དྲི་བ་pangrimཅིག་གཟིགས་རོགས་གནང་ཨ།
དྲི་བ་དང་པོ། གཡས་གཡོན་གཉིས་མཐུན་སྦྱོར་བྱོས། ད་གཡས་གཡོན་གཉིས་ཀྱི་དེ། དངོས་པོ་འདི་གྱད་ལ་གཟིགས་དང་།
Question one: match the left and right sides. Now, look at the things on the left and right sides.
གཡོན་ལ་ཡ་ག་རེ་ག་རེ་འདུག གཡས་ལ་ག་རེ་ག་རེ་འདུག རེད་བ།
What kind of things do you see on the left? What kind of things do you see on the right? Yeah?
ཨ་ནི། གཡས་དང་གཡོན་གྱི་དངོས་པོ་འདི་གྱད་བར་མཐུན་སྦྱོར་མཐུན་པ་མཐུན་པ་མཐུན་སྦྱོར་གནང་ཨ།
དེ་ནས་དྲི་བ་གཉིས་པ་དེ་ཡང་འདི་ནང་བཞིན། གཤམ་གྱི་རི་མོ་རྣམས་ལ་དབྱིབས་ཀྱི་མཚོན་རྟགས་ཨང་ཀི་བེད་སྤྱོད་བྱས་ནས་དབྱེ་བ་ཕྱེས། ཟེར་བྲིས་འདུག་ག
དེས། ཨང་ཀི་གཅིག་གཉིས་གསུམ་བཞི་ལྔ། འདིའི་ཟུར་འདི་ལ་ཡ་དབྱིབས་མ་འདྲ་བ་ལྔ་པོ་བྲིས་ཤག
དབྱིབས་འདི་གྱད་སྒང་ལ་ཡ་མིང་འདི་གྱད་བྲིས་ཤག
These names are written on these shapes.
ཨ་ནི་ཁྱེད་རང་མིང་ཤེས་ཀྱི་ཡོད་ན་ཡག་ཤོས་རེད། གལ་སྲིས་མིང་ཤེས་ཀྱི་མེད་པ་ཡིན་ནའི་ཁྱད་པར་ཡོད་མ་རེད།
ཨང་ཀི་དང་མཐུན་སྦྱོར་བྱེད་ཡ་རེད། མར་གཟིགས་ཀྱིན་གཟིགས་ཀྱིན་གནང་ཨ།
[9:17]
དེ་ནས། དྲི་བ་གསུམ་པ་དེ་གཟིགས་ད། སྒྲིལ་ཐུབ་མཁན་དང་བཤུད་ཐུབ་མཁན་དབྱེ་བ་ཕྱེས།
ད་བར་དུ་ནང་ལ་ཡ། དཔེ་མང་པོ་ཞིག་སྤྲད་བཞག ཨ་ནི། ཁྱེད་རང་གིས་འདི་དབྱེ་བ་ཕྱེས་རེད།
ད། དངོས་པོ་གང་དེ་སྒྲིལ་ཐུབ་མཁན་རེད། དངོས་པོ་གང་དེ་བཤུད་ཐུབ་མཁན་རེད།
ཁྱེད་རང་གིས་དབྱེ་བ་ཕྱེས་ནས་་་་ནང་ལ་ཡ་བྲིས་གནང་ཨ།
དྲི་བ་བཞི་པ། དབྱིབས་ཆེ་ཆུང་གཅིག་པ་རྣམས་མཐུན་སྦྱོར་གྱིས།
གཡས་དང་གཡོན་ཉེ་ལ་ཡ་དབྱིབས་མི་འདྲ་བ། དེ་ནས། བྲིས་ཤག
ཚང་མ་ཟུར་གཟུམ་མ་རེད་ཤག ཡིན་ནའི་སོ་སོ་འདི་གྱད་ཆེ་ཆུང་འདུག་ག ཨ་ནི། ཆེ་ཆུང་མཐུན་པ་བྲིས་ཨ།
[9:54]
ད་དེ་ནས། དྲི་བ་ལྔ་པ་དེ། དབྱིབས་གཅིག་པ་རྣམས་མཐུན་སྦྱོར་གྱིས།
Then, question five: match the identical shapes.
དཔེ་མཚོན་གཅིག་སྤྲད་འདུག་ག ཟུར་གསུམ་མ་གཉིས་དེར་ཐིག་འཐེན་འདུག་ག
It gives an example: a line is drawn on two triangles.
དེ་ནང་བཞིན་ཁྱེད་རང་གིས། ག་རེ་གནང་གི་འདུག དབྱིབས་འདི་གྱད་ཆ་ཚང་ལོག2 བཟོ་ལྟ་གཅིག་པ་གཅིག་པ་མཐུན་སྦྱོར་བྱེད་ཡ་རེད།
In the same way, you should
[10:10]
དྲི་བ་དྲུག་པ། དབྱིབས་ཆུང་ཤོས་ལ་འགྲིག་རྟགས་རྒྱོབས།
པར་རིས་ནང་སྤྲད་པའི་གི་དབྱིབས་འདྲ་མི་འདྲ་འདུག་ག འདི་གྱད་ནང་ནས་སྡེ་ཚན་སྡེ་ཚན་སྡེ་ཚན་གྱི་དབྱིབས་ཆུང་ཤོས་དེ་ལ་ཡ་འགྲིག་རྟགས་རྒྱབ་ཨ།
དྲི་བ་བདུན་པ། དཔེ་རིས་མཐུན་པ་རྣམས་ཚོལ།
ད་དེ་ལ་ཡ། དཔེ་རིས་མཐུན་པ་ཚོལ་དགོས་དུས། དེར་དཔེ་pechaསྤྲད་shade. Lakchikten་འདུག་ག
inyiགཉིས་་མཐུན་པ་རེད། ད་འདི་མ་ཡིན་པའི། ད་དུང་། མཐུན་པ་མཐུན་པ་ག་རེ་ག་རེ་འདུག དེར་དོ་སྣང་ཡག་པོ་གནང་ཨ།
ཞིབ་གསལ་པོ་བྱས་ནས་གཟིགས་ཨ།
[10:41]
བྱེད་སྒོ་ཅིག་དུ་རྒྱབ་lo de
དཔེ་རིས་མཐུན་པ་རྣམས་ཚོལ།
སྒང་ལ་ཡ། རི་མོ་བྲིས་sheཔ་བྱས། འོ་་འདི་པར་འདྲ་པོ་ཞིག་འདུག་ག ད་ཁྱེད་རང་གི་ག་རེ་གནང་གི་འདུག
དཔེ་རིས་མཐུན་པ་མཐུན་པ་ཚོལ། ཟུར་གསུམ་མ་ཡིན་ན་ཟུར་གསུམ་མ། འདུག་སེ་བྱས་ནས་pekaཆེན་པོ་ཚོལ་རོགས་གནང་ཨ།
[11:01]
ང་ཚོ་དབྱིབས་ཀྱི་སློབ་ཚན་འདི་སྦྱང་ཚར་བའི་རྗེས་ལ། ང་ཚོ་ག་རེ་ཤེས་དགོས་ཀྱི་འདུག ཟེར་ཞུས་པ་ཡིན་ན།
དབྱིབས་ཀྱི་དབྱེ་བ་འབྱེད་སྟངས་ཤེས་དགོས་ཀྱི་འདུག དབྱིབས་ཀྱི་དབྱེ་བ་འབྱེད་སྟངས་ནས་དང་པོ་དེ་ལ་ཡ།
དབྱིབས་ཆེ་ཆུང་བསྡུར་སྟངས། དབྱིབས་གཅིག་པ་ཡིན་པ་གང་ཞིག་ལ་ཆེ་ཆུང་ཡོད་ན་འདི་ཆེ་ཆུང་བསྡུར་བཞིན་པ་ཧ་གོ་གི་རེད།
དེ་ནས། གཉིས་པ་འདི་ལ་ཡ་དབྱིབས་མཐུན་པ་དང་མི་མཐུན་པ་དབྱེ་འབྱེད་བྱེད་ཐུབ་པ།
དེ་ནས་གསུམ་པ་དེ་ལ་གཟིགས་ད། སྒྲིལ་ནས་འགྲོ་མཁན་དང་བཤུད་ནས་འགྲོ་མཁན།
དངོས་པོ་འདྲ་མིན་འདྲ་མང་པོ་ནང་ནས་དངོས་པོ་འདི་དང་འདི་བཅས་པ་སྒྲིལ་ནས་འགྲོ་ཐུབ་ཀྱི་འདུག
དངོས་པོ་འདི་དང་འདི་བཅས་པ། ཨ་ནི། བཤུད་ནས་མ་གཏོགས་འགྲོ་ཐུབ་ཀྱི་མི་འདུག ཟེར།
འདི་ཤེས་དགོས་ཀྱི་འདུག
[end]
